林芝市发展和改革委员会

政府信息公开

市 “十四五”规划编制工作领导小组办公室关于征集林芝市“十四五”时期国民经济和社会发展规划金点子的公告

发布时间:2020-10-29   浏览次数:   【字体:

ཉིང་ཁྲི་གྲོང་ཁྱེར་གྱི“ལོ་ལྔ་ཚན་བཅུ་བཞི་པའི”རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་འཆར་འགོད་ཐད་ཀྱི་ཐབས་ཇུས་བཟང་པོ་བསྡུ་རུབ་བྱེད་རྒྱུའི་སྐོར་གྱི་ཉིང་ཁྲི་གྲོང་ཁྱེར“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་སྒྲིག་བཟོའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གི་སྤྱི་བསྒྲགས།

    “ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་སྒྲིག་བཟོའི་ལས་དོན་ཐད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུངས་པའི་བྱ་ཐབས་དམངས་ལ་འདྲི་བ་དང་། ཐབས་ཇུས་རྒྱ་ཆེར་བསྡུ་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས།འཆར་འགོད་ཀྱི་ཚན་རིག་རང་བཞིན་དང་སྤྱི་ཚོགས་ཁྱོན་ཡོངས་ཀྱི་ཞུགས་ཚད་སྔར་བས་མཐོ་རུ་བཏང་ཐོག འཆར་འགོད་ཀྱིས་སྔར་ལས་ལྷག་པའི་སྒོ་ནས་མི་དམངས་ཀྱི་འདོད་བློ་མཚོན་པ་དང་། མི་དམངས་ཀྱི་བློ་གྲོས་སྡུད་པ། དམངས་སེམས་གཅིག་སྒྲིལ་བཅས་ཡོང་ཆེད། ཉིང་ཁྲི་གྲོང་ཁྱེར“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་སྒྲིག་བཟོའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གིས་ལྷག་བསམ་ཟོལ་མེད་ངང་། སྤྱི་ཚོགས་ལས་རིགས་ཁག་གི་མི་སྣ་རྣམས་ནས་ཉིང་ཁྲིའི“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ཐད་ལ་ཐབས་ཇུས་འདོན་རོགས་ཞུས་ཏེ།   ཐུན་མོང་ཐོག་ཉིང་ཁྲིའི་སླད་མ་འོངས་པའི་འཕེལ་རྒྱས་ལ་ཇུས་གཞི་འདིང་རྒྱུའི་སྤྱི་བསྒྲགས་གཤམ་གསལ།

    དང་པོ།     ཐབས་ཇུས་བསྡུ་རུབ་ཀྱི་དུས་ཚོད།

   2020ལོའི་ཟླ10ཚེས16ཉིན་ནས་ཟླ11ཚེས30ཉིན་བར།

   གཉིས་པ།  ཐབས་ཇུས་བསྡུ་རུབ་ཀྱི་བརྗོད་དོན་གཙོ་བོ།

    “ལོ་ལྔ་ཚན་བཅུ་བཞི་པའི”རིང་གི་སྤྱི་ཚོགས་བཅོས་སྐྱོང་མ་ལག་དང་།  བཅོས་སྐྱོང་ནུས་པ། མི་རིགས་མཐུན་སྒྲིལ་ཡར་ཐོན།   ཆོས་ལུགས་དོ་དམ།  གཙོ་གནད་ཐོན་ལས་འཕེལ་རྒྱས།  རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན།  གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་འཛུགས།  གྲོང་ཁྱེར་དང་གྲོང་གསེབ་མཉམ་འཕེལ།  སྐྱེ་ཁམས་ཡུལ་སྐོར།  ཚོང་གཉེར་ཁོར་ཡུག  ཞིང་འབྲོག་ཁུལ་སྒྱུར་བཅོས།  སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་།  རིག་ལྡན་ཉིང་ཁྲི།  ཕྱི་ཕྱོགས་ལ་སྒོ་དབྱེ།  མཉམ་ལས་ལ་ཤུགས་སྣོན། ཏང་འཛུགས་སྐྱོང་ལ་སོགས་པའི་གནད་དོན་བཅས་གཙོ་བོར་བཟུང་ནས་ ཐབས་ཇུས་བཟང་པོ་བཏོན་ཆོག   ཡིན་ནའང་གོང་གི་བརྗོད་བྱ་ཁོ་ནར་ཚད་བཀག་བྱས་མེད།

གོང་དུ་བརྗོད་པའི་ནང་དོན་གང་རུང་ཞིག་ཐད་ཐབས་ཇུས་བཟང་པོ་ཡོད་པ་དང་།གནད་དོན་གཞན་དག་བསམ་འཆར་དང་གྲོས་འགོ་ཁ་གསལ་འདོན་རྒྱུ་ཡོད་ཚེ།   དོན་བསྡུས་ལ་ཚིག་ཉུང་བའི་ཐོག་ནས་བརྗོད་ཆོག་ལ།   གནད་ལུགས་རྒྱུ་མཚན་དང་རིག་པས་ཁུངས་སྐྱེལ་གྱི་རྒྱས་བཤད་བྱས་ནའང་ཆོག

    གསུམ། ཐབས་ཇུས་བསྡུ་ཐབས།

    (གཅིག)  འཕྲིན་ཕྲན།

  ཉིང་ཁྲིའི་གཞུང་ཕྱོགས་ཀྱི་འཕྲིན་ཕྲན་སྤྱི་སྟེགས་ནང་གི་ངས་ཉིང་ཁྲིའི“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ཐད་ཐབས་ཇུས་འདོན་རྒྱུ་ཡིན་ཞེས་པའི་རྒྱབ་སྟེགས་ཐོག་ལན་བཞག་ན་འགྲིག

    (གཉིས) ཡིག་སྒམ།

   ཡིག་སྒམ་lzsswgh163.comདེར་འཕྲིན་ཡིག་བསྐུར་ཐོག“ཉིང་ཁྲི་གྲོང་ཁྱེར་གྱི‘ལོ་ལྔ་ཚན་བཅུ་བཞི་པའི’རིང་གི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་འགོད་ཀྱི་ཐབས་ཇུས”ཅེས་ཟུར་མཆན་འགོད་དགོས།

    (གསུམ) ཁ་པར།

0894-5829600(བརྙན་སྐྱེལ་གཅིག་ལྕོགས)                 འབྲེལ་གཏུག་མི་སྣ།   པོ་ཡུན་ཧྥེང་།

  (བཞི)  འཕྲིན་ཡིག་

   འཕྲིན་ཡིག་བསྐུར་ཡུལ་བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་གོང་འཕེལ་བསྒྱུར་བཅོས་ཨུ་ཡོན་ལྷན་ཁང་གི་ཕྱོགས་བསྡུས་ཚན་ཁག(བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུད་བྲག་ཡིབ་གྲོང་རྡལ་གཉིས་བཀུར་ལམ་ཨང་106)ཡིན་ཞིང་།འཕྲིན་ཡིག་གི་ཟུར་དུ“ཉིང་ཁྲི་གྲོང་ཁྱེར་གྱི་‘ལོ་ལྔ་ཚན་བཅུ་བཞི་པའི’རིང་གི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་འགོད་ཀྱི་ཐབས་ཇུས”ཞེས་གསལ་པོར་འགོད་དགོས།          སྦྲག་སྲིད་ཨང་གྲངས།  860000

བཞི།  བྱ་དགའ།

    ཐབས་ཇུས་འདོན་མཁན་གྱིས་རང་ཉིད་ཀྱི་མིང་དང་འབྲེལ་གཏུག་བྱ་ཡུལ་གསལ་པོར་འགོད་དགོས།   ལས་ཀ་དེའི་ནང་ཞུགས་མཁན་གྱི་མི་སྒེར་གྱི་ཆ་འཕྲིན་ལ་ང་ཚོས་གསང་བ་དམ་ཟབ་བྱ་རྒྱུ་ཡིན། “ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་སྒྲིག་བཟོ་མཇུག་སྒྲིལ་རྗེས་ཉིང་ཁྲི་གྲོང་ཁྱེར“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་སྒྲིག་བཟོའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གིས་ཕུལ་བྱུང་གི་ཐབས་ཇུས་འདོན་མཁན་ལ་བྱ་དགའ་སྤྲོད་རྒྱུ་ཡིན།

ཉིང་ཁྲི་གྲོང་ཁྱེར“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་སྒྲིག་བཟོའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་།  

  2020ལོའི་ཟླ10པའི་ཚེས16ཉིན།

林芝市 “十四五”规划编制工作领导小组办公室

关于征集林芝市“十四五”时期国民经济

和社会发展规划金点子的公告

    为深入贯彻落实习近平总书记关于“十四五”规划编制工作要开门问策、集思广益的重要指示精神,进一步提高规划编制的科学性和社会参与度,使规划更好地反映民意、汇集民智、凝聚民心,林芝市 “十四五”规划编制工作领导小组办公室诚挚邀请社会各界人士为林芝“十四五”规划建言献智、出谋划策,共同谋划林芝未来。现将有关事项公告如下:

一、征集时间

20201016日至1130

    二、征集主题

围绕但不局限于“十四五”时期社会治理体系和治理能力、民族团结进步、宗教管理、重点产业发展、重大基础设施建设、新型城镇化建设、城乡融合发展、生态旅游、营商环境、农牧区改革、生态环境保护、智慧林芝、对外开放、加强合作、党的建设等方面提出金点子。

所提“金点子”可就上述某一主题,也可就其它方面提出具体意见建议,可以是三言两语的真知灼见,也可以是言之成理的论述文稿。

三、征集方式

(一)微信

通过微林芝官方微信公众号“我为林芝‘十四五’规划建言”后台留言。

   (二)邮件

请发送至邮箱lzssswgh@163.com,主题请注明“林芝市‘十四五’时期国民经济和社会发展规划金点子”字样。

(三)电话

    08945829600(兼传真)。

(四)信件

寄至西藏林芝市发展和改革委员会综合科(西藏林芝市巴宜区八一镇双拥路106号),注明“林芝市‘十四五’时期国民经济和社会发展规划金点子”字样,邮编:860000

   四、征集表彰

来稿请注明作者姓名、联系方式,参与者的个人信息,我们将严格保密。“十四五”规划编制结束后,林芝市“十四五”规划编制工作领导小组办公室将对优秀“金点子”献策者进行奖励。

                       

                                             林芝市 “十四五”规划编制工作领导小组办公室

                                                            20201016